为进一步优化营商环境,提高企业开办效率,实现企业开办“零成本”,决定在定日县范围内对符合条件的新开办企业,提供免费刻制首套印章服务。现将有关事项通告如下:
在定日县市场监督管理局登记注册的新开办企业(公司、非公司企业法人、合伙企业及上述企业分支机构)。
免费提供印章的类型及材质:企业公章、发票专用章、财务专用章、法定代表人名章(共计4枚),均为符合《印章质量规范与检测方法》(GA241.9-2000)等公共安全行业强制性标准的轻型回墨印。
1.线上申请:新开办企业可通过线上西藏政务服务网、西藏自治区市场监督管理局门户网站企业开办“一网通办”专区、西藏市场监管政务服务系统勾选“自行刻制印章”。签发营业执照当日内(非工作日及非上班时间内签发营业执照的,在首个0.5工作日内)自主选择刻章企业、所需印章类型、数量,以及印章领取方式。
2.线下申请:通过企业智能审批一体机、西藏市场监管政务服务系统“设立登记”界面申请办理营业执照的新开办企业,签发营业执照当日内(非工作日及非上班时间内签发营业执照的,在首个0.5工作日内)到定日县政务服务中心印章刻制窗口申请免费刻制首套印章服务(企业自行选择刻章企业、所需印章类型、数量)。线下申请可分为两个情形,一是印章刻制窗口工作人员根据申请使用设立登记经办人账号线上申请免费刻制首套印章服务。二是印章刻制窗口工作人员引导企业法定代表人(负责人)与刻章公司提前对接,确保企业享受免费刻章服务。
县市场监督管理局、刻章企业分别将办结的营业执照和首套印章即时移交到县政务服务中心印章刻制窗口,印章刻制窗口工作人员登记造册后按申请人要求将营业执照、首套印章等现场直接交付或通过邮寄方式配送。
咨询电话:13989979827、13228909877
དིང་རི་རྫོང་གསར་གཉེར་ཁེ་ལས་(མཉམ་ལས་ཁང་)ལ་རིན་མི་དགོས་པར་ཐམ་ག་བརྐོ་རྒྱུའི་སྤྱི་བསྒྲགས།གཉེར་ཚོང་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་ལས་ཕྱོད་ཆེ་རུ་གཏོང་བ། ཁེ་ལས་ཀྱིས“མ་གནས་མེད་པ”གཉེར་བ་བཅས་བྱ་ཆེད། རྫོང་གི་ཁྱབ་ཁོངས་སུ་ཆ་རྐྱེན་དང་མཐུན་པའི་གཉེར་ཚོང་ཁེ་ལས་གསར་པ་རྣམས་ལ་རིན་མི་དགོས་པར་ཐམ་ག་བརྐོ་བཟོ་བྱེད་པའི་ཞབས་ཞུ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བྱ་རྒྱུ་གཤམ་གསལ། 2024ལོའི་ཟླ་3ཚེས་11ཉིན་ནས་ལག་ལེན་བསྟར་འགོ་ཚུགས་རྒྱུ། དིང་རི་རྫོང་གི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་དུ་ཐོ་འགོད་བྱས་པའི་གསར་འཛུགས་ཁེ་ལས།(ཀུང་སི་དང་། ཀུང་སིའི་ཁེ་ལས་ཀྱི་ཁྲིམས་མི། མཉམ་སྡེབ་ཁེ་ལས་དང་གོང་གསལ་གྱི་ཁེ་ལས་ཀྱི་ཡན་ལག་ལས་ཁུངས)
གསུམ། ཐམ་གའི་རིགས་དང་རྒྱུ་ཆ།
རིན་མི་དགོས་པར་ཐམ་ག་འདོན་སྤྲོད་བྱེད་པའི་རྣམ་པ་དང་སྤུས་ཚད་ནི། ཁེ་ལས་ཀྱི་གཞུང་ཐམ་དང་། འཛིན་ཤོག་གི་ཆེད་སྤྱོད་ཐམ་ག་ ནོར་དོན་ཆེད་སྤྱོད་ཐམ་ག་ ཁྲིམས་བཀོད་འཐུས་ཚབ་པའི་ཐམ་ག་བཅས་(ཐམ་ག་བཞི)ཚང་མ་ནི《ཐམ་གའི་སྤུས་ཚད་ཚད་ལྡན་དང་ཞིབ་བཤེར་ཚད་ལེན་བྱེད་ཐབས》(GA241.9-2000)སོགས་སྤྱི་པའི་བདེ་འཇགས་ལས་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཐམ་གའི་ཚད་གཞི་དང་མཐུན་པ་དགོས། བཞི། ཞབས་ཞུའི་བརྒྱུད་རིམ། (གཅིག)རེ་ཞུའི་བརྒྱུད་རིམ། 1.དྲ་ཐོག་ནས་གཉེར་སྐབས། གསར་དུ་གཉེར་བའི་ཁེ་ལས་ཀྱིས་དྲ་ཐོག་ནས་བོད་ལྗོངས་སྲིད་དོན་ཞབས་ཞུའི་དྲ་བ་དང་།
བོད་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་གཙོ་ཆེའི་ཁེ་ལས་ལ་དྲ་ཚུགས་་“དྲ་བ་ཀུན་སྒྲུབ”ཆེད་མངགས་ཁུལ། བོད་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་སྲིད་དོན་ཞབས་ཞུའི་མ་ལག་བཅས་བརྒྱུད་ནས“རང་གིས་ཐམ་ག་བརྐོ་བ”འདེམསཆོག ལས་གཉེར་ལག་ཁྱེར་སྤྲོད་པའི་ཉིན་དེའི་(ལས་དུས་མིན་པ་དང་ལས་ཀར་འགྲོ་མི་དགོས་པའི་དུས་ཚོད་ནང་ལས་གཉེར་ལག་ཁྱེར་སྤྲད་པའི་རིགས་ལས་ཀའི་ཉིན་ཕྱེད་ནང་ཚུན)ནང་རང་གིས་ཐམ་བརྐོའི་ཁེ་ལས་དང་། རང་ལ་མཁོ་བའི་ཐམ་གའི་རིགས། གྲངས་འབོར། དེ་བཞིན་ཐམ་ག་་ལེན་སྟངས་བཅས་གདམ་ག་བྱེད་དགོས། 2.ཞབས་ཞུ་ལྟེ་གནས་སུ་གཉེར་སྐབས། ཁེ་ལས་ཀྱི་རིག་ནུས་ཞིབ་མཆན་གཅིག་འཐུས་འཕྲུལ་འཁོར་དང་བོད་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་སྲིད་དོན་ཞབས་ཞུའི་“གསར་འཛུགས་ཐོ་འགོད”བརྒྱུད་ཚོང་གཉེར་ལག་ཁྱེར་གཉེར་རྒྱུའི་རེ་ཞུ་བྱེད་མཁན་གྱི་ཁེ་ལས་གསར་པས། ཚོང་གཉེར་ལག་ཁྱེར་སྤྲོད་པའི་ཉིན་དེར(ལས་དུས་མིན་པ་དང་ལས་ཀར་འགྲོ་མི་དགོས་པའི་དུས་ཚོད་ནང་ལས་གཉེར་ལག་ཁྱེར་སྤྲད་པའི་རིགས་ལས་ཀའི་ཉིན་ཕྱེད་ནང་ཚུནདིང་རི་་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཐམ་བརྐོའི་སྐར་ཁུང་སུ་རིན་མེད་ཀྱི་ཐམ་ག་བཟོས་ན་འགྲིག(ཁེ་ལས་རང་ཉིད་ཀྱི་ཐམ་ག་བཟོ་བ་དང་།
ཐམ་གའི་རིགས་དང་གྲངས་འབོར།) ཞབས་ཞུ་ལྟེ་གནས་སུ་རེ་འདུན་ཞུ་སྐབས་གནས་ཚུལ་གཉིས་སུ་དབྱེ་ཆོག་པ་སྟེ། གཅིག་ནས་ཐམ་བརྐོའི་སྐར་ཁུང་ལས་དོན་མི་སྣས་ཁེ་ལས་ཀྱི་རེ་འདུན་ལྟར་ཐོ་འགོད་ལས་ཀ་བྱེད་མཁན་གྱི་རྩིས་ཁྲའི་ཐོག་ནས་རིན་མེད་ངངཐམ་ག་ཐོག་མ་དེ་བཟོས་ན་འགྲིག གཉིས་ནས་ཐམ་བརྐོའི་སྐར་ཁུང་ལས་དོན་མི་སྣས་ཁེ་ལས་ཀྱི་འགན་འཁུར་མི་སྣ་གཞུང་ཐམ་བཟོ་སའི་ཐམ་བརྐོའི་སྐར་ཁུངདུ་ཐམ་ག་བཟོ་བའི་རེ་འདུན་ཞུ་བར་ཁྲིད་སྟོན་བྱས་ཏེ་ཕྱོགས་བསྡུས་ཞབས་ཞུའི་ལས་དོན་མི་སྣ་དང་ཐམ་ག་བཟོ་མཁན་གྱི་ཀུང་སི་སྔ་སྣུར་དུ་སྦྲེལ་མཐུད་བྱས་ཏེ་ཁེ་ལས་ལ་རིན་པ་མི་དགོས་པར་ཐམ་ག་བཟོ་བར་ཞབས་འདེགས་ཞུ་བའི་འགན་ལེན་བྱེད་དགོས། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་དངཐམ་གབཟོ་མཁན་ཁེ་ལས་ཀྱིས་ལས་གཉེར་ལག་ཁྱེར་དང་ཐོག་མའི་ཐམ་ག་་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཐམ་བརྐོའི་སྐར་ཁུང་དུ་བསྐྱལ་དགོས་པ་དང་།“ཐམ་བརྐོའི་སྐར་ཁུང་”ཀྱི་ལས་དོན་མི་སྣས་ཐོ་འགོད་བྱས་ཏེ་ཐོ་གཞུང་བཟོས་རྗེས་རེ་འདུན་ཞུ་མཁན་གྱི་རེ་བ་ལྟར་ལས་གཉེར་ལག་ཁྱེར་དང་ཐོག་མའི་ཐམ་ག་སོགས་ས་གནས་ས་ཐོག་ཏུ་ཐད་ཀར་རྩིས་སྤྲོད་བྱེད་པའམ་ཡང་ན་སྦྲག་ཐོག་ནས་བསྐུར་བའི་བྱ་ཐབས་བརྒྱུད་མངགས་སྐྱེལ་བྱེད་དགོས། དིང་རི་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས(ཐམ་བརྐོའི་སྐར་ཁུང་)
བློ་འདྲིའི་ཁ་པར་ཨང་གྲངས། 13989979827 13228909877
དེ་དོན་ཆེད་དུ་ཁྱབ་བསྒྲགས་བྱ་རྒྱུའི་སྤྱི་བསྒྲགས་།
དིང་རི་རྗོང་སྲིད་འཛིན་ཞིབ་མཆན་དང་དམངས་བདེ་ཞབས་ཞུ་ཅུད།