定日旅游 定日党建 定日人大 定日政协

དིང་རི་རྫོང་ཨུད་སྐབས་དགུ་པའི་སྐོར་ཞིབ་རེས་སྐོར་བདུན་པའི་རྒྱུན་སྲོལ་སྐོར་ཞིབ་ཚོགས་ཆུང་གི་སྤྱི་བསྒྲགས།

རྫོང་ཨུད་སྐོར་ཞིབ་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས་〔 2019)ཡིག་ཨང་01 
རྫོང་ཨུད་སྐབས་དགུ་པའི་སྐོར་ཞིབ་ཚོགས་ཆུང་རེས་སྐོར་བདུན་པའི་རྒྱུན་སྲོལ་སྐོར་ཞིབ་ཚོགས་ཆུང་གིས་༢༠༡༩ལོའི་ཟླ་༤པའི་ཚེས་༢༨ཉིན་ནས་བཟུང་རྫོང་ཆུ་བེད་ཅུས་དང་། རྫོང་བཟོ་ཚོགས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལ་དུས་ཡུན་ཟླ་གསུམ་གྱི་སྐོར་ཞིབ་བྱེད་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་ལས་དོན་སྤྱི་    བསྒྲགས་བྱས་པ་གཤམ་གསལ་ལྟར།
གཅིག།  སྐོར་ཞིབ་ལས་འགན།
(གཅིག) མཐུན་སྒྲིལ་དམ་ཟབ་ཀྱིས་བློ་མཐུན་ཞིས་ཅིན་ཕིན་གི་སྲོག་ཤིང་    གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་   ཡོངས་ཀྱི་འདུ་ཤེས།  སྲོག་ཤིང་འདུ་ཤེས་དང་གཅིག་འགྱུར་གྱི་འདུ་ཤེས་བཅས་    བརྟན་པོར་བཙུགས་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་དབང་    གྲགས་དང་ཏང་ཀྲུང་དབྱང་གི་གཅིག་འགྱུར་འགོ་ཁྲིད་བཅས་ལ་སྲུང་སྐྱོང་དང་།   རང་སྐྱོང་ལྗོངས་ཏང་ཨུད་དང་།  གྲོང་ཨུད།  རྫོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད་མེད་སྐོར།   
(གཉིས་) ལྗོངས་ཏང་ཨུད་དང་གྲོང་ཨུད་རྫོང་ཨུད་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་སྲུང་  བྱེད་པའི་ལས་དོན་ལག་བསྟར་དོན་འཁྱོལ་བྱུང་མིན་དང་ཏཱ་ལའི་རུ་ཚོགས་དང་   འཐབ་རྩོད་ཀྱི་ཁྲོད་དད་པ་སྲུང་སྡོད་ཐུབ་པ་དང་ལངས་ཕྱོགས་བརྟན་པ།  རང་ནུས་ཡོད་རྒུས་འགན་ནུས་སྒྲུབ་པ་བཅས་བྱ་ཐུབ་མིན་སྐོར།
(གསུམ་) ཆབ་སྲིད་ཀྱི་སྒྲིག་ཁྲིམས་དངསྒྲིག་ལམ་ལས་འགལ་བ།  ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལས་འགལ་བའི་གཏམ་སྨྲས་པ།  བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ།  བཀག་འདོམས་བྱས་ཀྱང་མཚམས་མི་འཇོག་པ།  མངོན་བརྩི་ལྐོག་འགལ་དང་ངན་པ་ལག་འབྲེལ་བྱེད་པ་སོགས་ཀྱི་གནད་དོན།
(བཞི་) ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་ཁག་སྒྲུབ་རྒྱུ་མི་འདང་བའི་གནད་དོན།
(ལྔ་) སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་བ།  དབང་ཆ་བེད་སྤྱད་ནས་སྒེར་དོན་སྒྲུབ་པ་དང་ལྐོག་ཟ་ལྐོག་ལེན།  བཟའ་འཁྱེར་བཀག་གསུམ།  རུལ་སུངས་ངན་  ལྷུང་བྱེད་པ་བཅས་ཀྱི་གནད་དོན།
(དྲུག་) རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ།  སྒྲིག་འགལ་གྱིས་མི་བཀོལ་མཁན་དང་འདེམས་ཤོག་བསླུ་ཉོ་བྱེད་པ།  དབང་ཆ་ཉོ་ཚོང་བྱེད་པ་དེ་བཞིན་བརྒྱ་ ཁ་གཅིག་གཅོད་ནུས་མེད་ཟབ་ཟོབ།  ཚབས་ཆེན་གྱི་མཐུན་སྒྲིལ་མེད་པ་སོགས་ཀྱི་ གནད་དོན།  
(བདུན་) མང་ཚོགས་ཀྱི་སྒྲིག་ཁྲིམས་ལས་འགལ་བ།  སྤྱི་པའི་ཁེ་ཕན་གྱི་ཐོབ་ ཆ་དྲང་བཞག་མི་སྙོམས་པ།  དགའ་ཉེར་ཡག་པ་བྱེད་པ་དང་མང་ཚོགས་ལ་སྡུག་པོ་གཏོང་བ།  མང་ཚོགས་ཀྱི་ཞུ་གཏུགས་སྣང་མེད་གཏོང་བ།  མང་ཚོགས་ཀྱི་ཁེ་ཕན་ བཙན་བཟུང་བྱེད་པའམ་ཁེ་ཕན་ལ་གནོད་པའི་ལས་ཀ་བྱེད་པ་སོགས་ཀྱི་གནད་དོན།
(བརྒྱད་) ལས་ཀའི་སྒྲིག་ཁྲིམས་ལས་འགལ་ཏེ་འགོ་ཁྲིད་ཚན་ཁག་དང་འགོ་ ཁྲིད་ལས་བྱེད་པས་གོང་རིམ་གྱི་བཀོད་སྒྲིག་དང་ལས་དོན་ཁག་ལག་བསྟར་མི་བྱེད་ པ།  རང་འགན་གཞན་དཀྲི་དང་གཡོ་སོལ་སླ་བཅོས་བཅས་ཀྱི་གནད་དོན་དང་འགོ་ཁྲིད་ལས་བྱེད་པའི་སྒྲིག་ཁྲིམས་ལས་འགལ་ཏེ་ཁྲོམ་རྭའི་དཔལ་འབྱོར་དང་སྒྲིག་    ཁྲིམས་ཁྲིམས་ལུགས་ལག་བསྟར།  སྤྱི་པའི་ནོར་སྲིད་མ་དངུལ་བགོ་བཤའ་རྒྱག་པ་  སོགས་ཀྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱེད་པ།  དོ་དམ་བྱེད་ཁོངས་དེའི་ལས་ བྱེད་མི་སྣས་ལས་ཀ་མི་བྱེད་པ་དང་གང་བྱུང་དུ་བྱེད་པ་དེ་བཞིན་སྒྱིད་ལུགས་ངན་  པ་སོགས་ཀྱི་ཐ་མལ་བའི་སྤྱོད་ཚུལ་གྱི་གནད་དོན་ཐད་ཇུས་ཏོག་དང་དམ་འཛིན་བྱེད་ མི་ཕོད་པའི་དབང་གིས་དོ་དམ་བྱེད་ཁོངས་ཀྱི་སྡེ་ཚན་དེའི་སྒྲིག་ཁྲིམས་ལྷུག་པ་དང་སྤྱོད་ཚུལ་ཟབ་ཟོབ་ཆགས་པའི་གནད་དོན།
(དགུ་) འཚོ་བའི་སྒྲིག་ཁྲིམས་ལས་འགལ་བ།  རྒྱས་སྤྲོས་ལོངས་སྤྱོད་དང་མ་ རབས་ཞེན་ཆགས་བརྩོན་ལེན།  དེ་བཞིན་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་ཁྱིམ་ཚང་གི་ཀུན་སྤྱོད་ལས་ཚབས་ཆེན་གྱི་འགལ་བ་སོགས་ཀྱི་གནད་དོན།  
(བཅུ་) ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་སྲུང་བྱ་རྣམ་བཅུ། བླང་བྱ་ཁག་དགུ་དང་གྲོང་ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལས་འགལ་ཏེ་གཞུང་དངུལ་བེད་སྤྱད་དེ་ལག་རྟགས་སྤྲོད་པ།      གཞུང་དངུལ་སྒེར་སྤྱོད་དང་ཤོག་ཆག་སྤྲོད་རེས་བྱེད་པ་དེ་བཞིན་སྒྲིག་འགལ་གྱི་   ཕོགས་སྣོན་ཁ་གསབ་དང་ཕན་བདེའི་ཁ་གསབ་སྤྲོད་པ། གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་སོགས་ལ་ཁ་གཡར་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ་སོགས་ཀྱི་གནད་དོན།
(བཅུ་གཅིག) གཞུང་ཞབས་པའི་བཅའ་ཁྲིམས་དང་འགལ་ཡོད་མེད། མི་སྒེར་རམ་ཡང་ན་མི་གཞན་གྱི་མིང་ཐོག་ནས་ཁེ་ལས་གཉེར་ནས་ཚོང་ལས་དཔལ་འབྱོར་ དངོས་གཟུགས་སམ་སྤྱི་ཚོགས་ཀྱི་ཚོགས་པ་སོགས་སྡེ་ཚན་ནང་ལས་འགན་གཅིག་  ལྕོགས་བྱས་ནས་ཐོབ་བྱ་བླངས་པ་དང་དེ་བཞིན་ཁེ་ཕན་ཡོད་པའི་བར་མའི་མཚམས་སྦྱོར་བྱེད་སྒོ་སོགས་སྤེལ་བའི་གནད་དོན་ཡོད་མེད།  དབང་ཆ་དང་གོ་གནས་བེད་ སྤྱད་དེ་གཉེན་ཉེ་དང་གྲོགས་པོའི་རིགས་ལ་གོ་ས་སྤྲོད་པའམ་ཡང་ན་ཚོང་གཉེར་གྱི་ཁེ་ཕན་སྤྲོད་རེས་བྱེད་པ་སོགས་ཀྱི་གནད་དོན་ཡོད་མེད།
(བཅུ་གཉེས་)གྲོང་ཨུད་ཀྱི་བཏོན་གནང་བའི་འབུར་དུ་ཐོན་པའི་གནད་དོན་ཁག་༡༦
(བཅུ་གསུམ་)གྲོང་ཨུད་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་བཏོན་པའི་ཕྱོགས་དྲུག་ཐད་ཀྱི་འབུར་དུ་ཐོན་པའི་གནད་དོན་: 
གཅིག་ནི་བསམ་བློའི་གནད་དོན།  འགོ་ཁྲིད་ལས་བྱེད་པ་ལ་ལར་འཇོན་ནུས་  ཡོད་ཀྱང་བརྩེ་སེམས་མེད་པ་དང།  ཁ་རྩལ་ཡོད་ཀྱང་ལས་དོན་སྒྲུབ་སེམས་མེད་པ། བསམ་ཚུལ་ཡོད་ཀྱང་བྱ་ཐབས་ཉུང་བ།  ཏང་ཡོན་ལས་བྱེད་པ་ལ་ལའི་བྱ་གཞག་གི་ལྟ་བ་དང། ལས་ཀའི་ལྟ་བ།  འགྲུབ་འབྲས་ཀྱི་ལྟ་བ་བཅས་ཡང་དག་མིན་པའི་རྐྱེན་ གྱིས་དཔོན་པོ་བྱེད་འདོད་པ་ལས་ལས་ཀ་བྱེད་མི་འདོད་པ་དང།  མི་གཞན་དག་གི་བསམ་ཚུལ་ལ་ཚོད་དཔགས་ཁོ་ན་བྱེད་པ་ལས་ལས་དོན་སྒྲུབ་རྒྱུར་བརྟག་ཞིབ་མི་   བྱེད་པ།  བྱས་རྗེས་ཚང་མ་རང་བདག་བྱེད་པ་ལས་ནོར་འཁྲུལ་ལ་འགན་མི་ཁུར་བ།  ལ་ལས་ཕན་ཚུན་ངོ་མཚང་འབྲུ་རེས་བྱེད་པ་དང།  ཀར་ཀོར་བྱས་ནས་ལས་ཀ་ནར་འགྱངས་བྱེད་པ།  ནང་འཁྲུག་རྒྱག་པ་བཅས་དང།
     གཉིས་ནི་སྤྱོད་ཚུལ་གྱི་གནད་དོན།  ལས་ཁུངས་དང་སྡེ་ཚན་ཉུང་ཤས་ལ་     གསོན་ཤུགས་མེད་པ་དང།  ནང་ཁུལ་མཐུན་སྒྲིལ་མི་བྱེད་པ། ལས་ཕྱོད་ཞན་པ།    འཐབ་རྩོད་བྱེད་ནུས་རྩ་བ་ནས་མེད་པ་བཅས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ལ་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཚབས་ཆེ་བ་དང་།   སྣེ་ལེན་དང་རྣམ་འགྱུར་ཡག་ཀྱང་བྱ་བ་སྒྲུབ་དཀའ་བ། ཏང་ཡོན་ལས་བྱེད་པ་དགའ་ཞིག་ལས་གནས་ཐོག་མི་གནས་པ་དང་།  སེམས་ལས་ཀར་མི་འཇོག་པ།  འགན་འཁྲི་ཕྲག་ཏུ་མི་ཁུར་བ།  ལ་ལའི་དམིགས་ཡུལ་གྱི་འདུ་ཤེས་ཞན་པ་དང།  མང་ཚོགས་ཀྱི་དཀའ་སྡུག་ལ་དོ་ཁུར་མི་བྱེད་པ།  མང་ཚོགས་ལས་དོན་སྒྲུབ་མི་ཤེས་པ། 
གསུམ་ནི་འགན་འཁྲི་ཁུར་རྒྱུའི་གནད་དོན།  ལས་ཁུངས་དང་སྡེ་ཚན་འགའ་  ཞིག་གིས་རང་འགན་གཞན་དཀྲི་བྱ་རྒྱུ་གོམས་གཤིས་སུ་འགྱུར་བ་དང་འགན་འཁྲི་མི་  ཁུར་བ་དང་འཐབ་ས་མི་བཟུང་བར་འགལ་ཟླ་དང་རྩོད་རྙོག་ཡོད་པ་ཐམས་ཅད་   གོང་འབུལ་བྱེད་པ། དཀའ་ངལ་ཡོད་པ་ཐམས་ཅད་ལས་གཡོལ་གང་ཐུབ་བྱེད་པ།  ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱིས་མགོ་བདེ་པོ་ཀྱང་ཀྱང་བྱེད་པ་དང་  ཁྲལ་སེལ་སླ་བཅོས་ཁོ་ན་བྱེད་པ།  ལས་གནས་ལེགས་འདེམས་ཉེས་སྐྱུར་བྱེད་པ་དང་ལས་འཛོལ་མདུན་དུ་འགན་འཁྲི་ཁུར་མི་ཐུབ་པ།  ལ་ལས་ཡར་རྒྱས་གཏོང་སེམས་ མེད་པར་སྐྱིད་འདོད་འགུལ་འཚེར་བྱས་ནས་འགན་འཁྲི་མི་ཁུར་བ།  སྔར་སྲོལ་    མཁྲེགས་འཛིན་གྱིས་འགན་འཁྲི་ཁུར་མི་འདོད་པ་བཅས་ཡོད་པ་དེ་དག་ཀྱང་རུལ་ སུངས་ཀྱི་མཚོན་ཚུལ་ཞིག་རེད། 
བཞི་ནི་འཇོན་ནུས་ཀྱི་གནད་དོན།  ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱིས་སློབ་  སྦྱོང་མི་བྱེད་པ་དང།  བརྩོན་ཞིབ་མི་བྱེད་པ།  ཤེས་ཡོན་རིམ་བསགས་བྱ་རྒྱུ་མི་     འདང་བ་དང་ཤེས་རྒྱ་ཆེན་པོ་མེད་པ། ཐབས་ཤེས་རྙིང་ཞེན་བྱེད་པ་ལས་ཐབས་ཤེས་གསར་པ་མི་ཤེས་པ། ལྟ་བ་རྗེས་ལུས་ཡིན་ལ་བསམ་བློ་གཏོང་མི་ཤེས་པ།  བསམ་བློར་འགྱུར་ལྡོག་མི་གཏོང་བ་དང་གསར་གཏོད་བྱེད་མི་འདོད་པ། ལ་ལས་བྱང་ཚད་མཐོ་པོ་དང་འཇོན་ཐང་ཆེན་པོ་ཡིན་མདོག་གིས་བྱ་ཐབས་གསར་པ་ཡིན་ཡང་བྱེད་སྟངས་བྱེད་ལུགས་རྙིང་པ་ཡིན་རྐྱེན་རྙོག་འཛིང་ཆེ་བའི་ལས་ཀའི་མདུན་དུ་ག་བྱེད་འདི་   བྱེད་མེད་པར་གྱུར་བ། 
ལྔ་ནི་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་གནད་དོན། ལས་ཁུངས་དང་སྡེ་ཚན་ཉུང་ཤས་ཀྱིས་ལག་བསྟར་བྱ་འགྱུར་གཡོལ་ནས་བཀའ་རྒྱ་ཡོད་ཀྱང་བྱ་སྤྱོད་མི་སྤེལ་བ་   དང་བཀག་རྒྱ་ཡོད་ཀྱང་མཚམས་མི་འཇོག་པ།  ལ་ལས་དོན་འཁྱོལ་རྫུན་མ་བྱས་ནས་འབོད་ཚིག་ཡོད་པ་ལས་དངོན་ཕན་མེད་པ།  ལ་ལས་ལག་བསྟར་བྱ་ཁུལ་གྱིས་ཆེ་   སྐུང་ཆུང་བཤད་བྱེད་པ་དང་གྲོས་བསྡུར་བྱས་ཀྱང་ཐག་མི་ཆོད་པ།  ལ་ལས་དོན་    འཁྱོལ་བྱེད་སྐབས་མདུན་དུ་གཅིག་དང་རྒྱབ་ཏུ་གཅིག་བྱས་ནས་རང་སྣང་གང་ཤར་བྱེད་པ་ལས་དོན་འཁྱོལ་གནད་འཕིགས་མི་བྱེད་པ། ལ་ལས་ཡོ་འཁྱོག་གིས་དོན་    འཁྱོལ་བྱས་ནས་གོང་གི་སྲིད་ཇུས་གཤམ་དུ་འཁྱོག་བཤད་བྱེད་པ་དང་།  ལས་དོན་  གང་རུང་ཡིན་ཡང་གྲོས་བསྡུར་ཡང་ཡང་མ་བྱས་ཚེ་ལག་བསྟར་བྱེད་ཐབས་མེད་པ་ དང་ཡིག་ཆ་གང་ཞིག་ཡིན་རུང་གཤམ་འགྲེམ་བྱས་ཀྱང་ལྟ་སྐུལ་ཡང་ཡང་མ་བྱས་ཚེ་ལག་ལེན་མི་བསྟར་བ། 
དྲུག་ནི་རང་བཅུན་གྱི་གནད་དོན།  ཏང་ཡོན་ལས་བྱེད་པ་ལ་ལས་རང་ཚོད་ཟིན་མི་ཐུབ་པ་དང་།  རང་གི་ཁ་དང་རྐང་ལག་ལ་བདག་པོ་རྒྱག་མི་ཐུབ་པ།  སྒྲིག་ཁྲིམས་ བརྩི་སྲུང་མི་བྱེད་པར་ཡ་མེད་སྒྲིག་འགལ་བྱེད་པ།  ཀུན་སྤྱོད་ཀྱི་མཐའ་ཐིག་ལས་    འགལ་ནས་སྒྲིག་ཁྲིམས་ཀྱི་དམར་ཐིག་དང་ཁྲིམས་ལུགས་ཀྱི་གློག་ཆེན་ལས་འགལ་བ་བཅས་གནད་དོན་དྲུག་ཡིན།
(བཅུ་བཞི་) རྫོང་ཨུད་ཀྱི་རེ་བ་ལྟར་ཤེས་རྟོགས་བྱེད་དགོས་པའི་དེ་མིན་     གནད་དོན།
གཉིས་པ།  སྐོར་ཞིབ་བྱེད་པའི་དུས་ཚོད།
༢༠༡༩ལོའི་ཟླ་༤ཚེས་༢༨ཉིན་ནས་ཟླ་༧ཚེས་༢༨ཉིན་བར་དུས་ཡུན་ཟླ་༣ཡིན།
གསུམ་པ། སྐོར་ཞིབ་ཚོགས་ཆུང་གི་ཁོངས་མི།
ཙུའུ་         ཀྲང་།    འཇམ་    དཔལ་
ཙུའུ་ཀྲང་གཞོན་པ།    པད་མ་སྒྲོལ་དཀར།
ལས་དོན་མི་སྣ།       ཕུན་ཚོགས་རྣམ་རྒྱལ།  པ་སངས་ནོར་བུ།  ཀྲུའུ་ཀྲེ་ཡོན།  ཙང་ཧྲོའོ་ཡང་།
བཞི་པ།  འབྲེལ་གཏུགས་བྱ་ཐབས།
སྐོར་ཞིབ་བྱེད་རིང་སྐོར་ཞིབ་ལས་དོན་ཚོགས་ཆུང་གིས་གཙོ་བོར་སྐོར་ཞིབ་བྱེད་ཡུལ་གྱི་སྡེ་ཚན་འདིའི་ཏང་རྩ་འཛུགས་འགོ་ཁྲིད་མི་སྣ་དང་ཁོངས་མི་དེ་བཞིན་རིམ་པ་འོག་མའི་འགོ་ཁྲིད་ཚན་པའི་འགན་འཁུར་བ་གཙོ་བོ་དང་གལ་ཆེའི་ལས་གནས་ འགོ་ཁྲིད་ལས་བྱེད་པ་སོགས་ཀྱི་གནད་དོན་ཐད་ཡར་ཞུ་བྱས་པའི་ཡིག་འབུལ་དང་ ཁ་པར་ཞུ་བཅར་བཅས་ལ་བསྡུ་ལེན་བྱེད་པ་དང་གཙོ་བོར་ཏང་གི་འགོ་ཁྲིད་ཏང་གི་འཛུགས་སྐྱོང་ཁྱོན་ཡོངས་ནས་ཏང་ནན་སྐྱོང།  དེ་བཞིན་ཆབ་སྲིད་ཀྱི་སྒྲིག་ཁྲིམས།  རྩ་འཛུགས་ཀྱི་སྒྲིག་ཁྲིམས།  སྤྱོད་གཙང་གི་སྒྲིག་ཁྲིམས།  མང་ཚོགས་ཀྱི་སྒྲིག་ཁྲིམས།  ལས་ཀའི་སྒྲིག་ཁྲིམས།  འཚོ་བའི་སྒྲིག་ཁྲིམས་སོགས་ཀྱི་ཐད་བཏོན་པའི་བསམ་    འཆར་དང་ཐེར་འདོན་ཡི་གི་བཅས་ཀྱི་ནང་དོན།  དེ་མིན་སྐོར་ཞིབ་ཁྲོད་བསྡུ་ལེན་ བྱས་པའི་ནང་དོན་ནང་མི་ཚུད་པའི་མི་སྒེར་གྱི་ཁེ་ཕན་ཐད་ཀྱི་ཞུ་གཏུགས་བྱས་པའི་ངོ་གཏུགས་ཡི་གེ་སོགས་འགན་འཁུར་རིམ་དབྱེ་བྱེད་པའི་རྩ་དོན་གཞེར་བཟུང་    འབྲེལ་ཡོད་ཀྱི་ཚན་པ་ཁག་ལ་རྩིས་སྤྲོད་བྱེད་རྒྱུ་ཡིན།
རྫོང་ཨུད་སྐོར་ཞིབ་ཚོགས་ཆུང་གིས་རྫོང་ཆུ་བེད་ཅུས་དང་། རྫོང་བཟོ་ཚོགས།  རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་གནད་དོན་སྐོར་གྱི་ཁ་པར་དང་། ཡིག་སྐུར། བཅར་འདྲི་བདག་སྤྲོད་བྱེད་རྒྱུ་ཡིན།
སྐོར་ཞིབ་ཚོགས་ཆུང་གིས་འབྲེལ་གཏུགས་ཡིག་སྒམ་ནི། སྒུལ་འཕྲིན་ཀུང་སིའི་ རྒྱལ་སྒོའི་གཡས་ཕྱོགས་དང་། གནའ་གྲོང་སྡེ་ཁུལ་གྱི་རྒྱལ་སྒོའི་གཡས་ཕྱོགས། རྫོང་ ཞིང་ཟོག་ཁྲོམ་རའི་ཤར་ཕྱོགས་ཀྱི་སྒོ་ཆེན། རྫོང་སྤྱི་བདེ་ཅུས་ཀྱི་རྒྱལ་སྒོའི་གཡས་ངོས། ཉི་འོད་སྡེ་ཁུལ་གྱི་རྒྱལ་སྒོའི་གཡས་ངོས་བཅས་སུ་བཙུགས་ཡོད། 
འབྲེལ་གཏུགས་ཁ་པར་    13989023318
གློག་རྡུལ་ཡིག་སྒམ་     drxdqlcgxcz@163.com

དིང་རི་རྫོང་ཨུད་སྐབས་དགུ་པའི་སྐོར་ཞིབ་རེས་སྐོར་བདུན་པའི་རྒྱུན་སྲོལ་སྐོར་ཞིབ་ཚོགས་ཆུང་གིས།
༢༠༡༩ལོའི་ཟླ་༥ཚེས་༡༡ཉིན།

九届定日县委第七轮巡察常规巡察组公告

县委巡办公告〔2019〕1
根据县委统一部署,九届县委第七轮巡察常规巡察组拟从2019年4月28日开始,对县水利局、县工会、县妇联进行为期三个月的巡察,现将有关事项公告如下:
一、巡察任务
(一)是否紧密团结在以习近平同志为核心的党中央周围,牢固树立政治意识、大局意识、核心意识、看齐意识,坚定不移维护党中央权威和党中央集中统一领导,坚决贯彻执行自治区党委、市委、县委的决策部署。
(二)是否坚决贯彻落实区党委、市委、县委各项维稳措施,严守反分裂斗争纪律,在与十四世达赖集团斗争中守得住信仰、站得稳立场、尽得好职责。
(三)违反政治纪律和政治规矩,违背党的路线方针政策的言行,有令不行、有禁不止,阳奉阴违,拉帮结派等问题。
(四)履行党风廉政建设主体责任、监督责任不力的问题。
(五)违反廉洁纪律,以权谋私、贪污贿赂、“吃拿卡要”、腐化堕落等问题。
(六)违反组织纪律,违规用人、拉票贿选、买官卖官,以及独断专行、软弱涣散、严重不团结等问题。
(七)违反群众纪律,对公共利益分配不公、优亲厚友,欺压群众,漠视群众诉求,侵占和损害群众利益等问题。
(八)违反工作纪律,领导班子和领导干部对上级部署的工作执行不力或推诿扯皮、敷衍塞责的问题;领导干部违规干预和插手市场经济、执纪执法、公共财政资金分配等活动;对管辖部门工作人员存在的不作为、乱作为以及“庸懒散”等作风问题不愿抓、不敢抓,导致管辖部门纪律松弛、作风涣散的问题。
(九)违反生活纪律,奢靡享乐、追求低级趣味,严重违反社会公德、家庭美德等问题。
(十)违反中央“八项规定”精神、区党委“实施细则”和市委“实施办法”,公款吃喝、公款旅游、公款送礼、公款私用、收送“红包”、违规发放津补贴及福利、借婚丧喜庆敛财等问题。
(十一)违反公务员法,个人或者借他人名义经商、办企业、在经济实体、社会团体等单位中兼职或者兼职取酬,以及从事有偿中介活动等问题;利用职权和职务影响为亲属及身边工作人员或特定关系人提拔使用或经商办企业提供便利问题。
(十二)市委提出的16条突出问题。
(十三)一届市委十次全会提出六个方面的突出问题:
一是思想问题。有的领导干部不缺才华缺情怀、不缺口才缺干劲、不缺想法缺办法;有的党员干部事业观、工作观、政绩观不正,只想当官、不想干事,只揣摩人、不揣摩事,有功就揽、有过就推;有的相互拆台、背后掣肘,窝里斗、搞内耗。
二是作风问题。有的单位部门一潭死水、一盘散沙,效能低下,毫无战斗力;有的“衙门作风”、官僚主义、形式主义严重,门好进脸好看事不办。有的党员干部人不在岗、心不在职、责不在肩;有的宗旨意识淡薄,不关心群众诉求,不会做群众工作。
三是担当问题。有的单位部门习惯推诿扯皮、相互推责,不种“责任田”、不守“主阵地”,遇到矛盾就上交,碰到困难往外推。有的党员干部为人圆滑世故、处事精明透顶、工作拈轻怕重、岗位挑肥拣瘦、遇事明哲保身;有的安于现状不想为、贪图安逸不愿为、墨守成规不敢为,这也是一种腐败。
四是能力问题。有的党员干部不学习、不钻研,知识累积不足、储备不够,老办法不管用、新办法不会用;有的观念滞后、思路僵化,不敢变通、不敢创新;有的自认为素质高、能力强,穿新鞋走老路、换新瓶装老酒,遇到工作束手无策、一筹莫展。
五是执行问题。有的单位部门逃避执行,有令不行、有禁不止;有的虚假执行,听得见口号、看不见实效;有的象征执行,避实就虚、议而不决;有的选择执行,阳奉阴违、各行其是;有的歪曲执行,上有政策、下有对策。要推进一项工作,不反复开会就没法落实;下发一个文件,不反复督查就不会执行。
六是自律问题。有的党员干部守不住自己的心、管不住自己的嘴、管不住自己的手、管不住自己的腿,不守规矩、顶风违纪,越过道德底线、挑战纪律红线、触碰法律高线。
(十四)县委要求了解的其他问题。
二、巡察时间
    2019年4月28日至7月28日,为期三个月。
三、巡察组成员
组    长: 江    白    
副 组 长: 白玛卓嘎    
工作人员: 平措朗杰    
                  周 志 源    
                  曾 绍 阳    
                 巴桑罗布   
四、联系方式
在巡察期间,巡察组主要受理反映被巡察单位党组织领导班子及其成员,下一级领导班子主要负责人和重要岗位领导干部问题的来信来电来访,重点是违反政治纪律、组织纪律、廉洁纪律、群众纪律、工作纪律、生活纪律等方面的举报和反映,其他不属于巡察受理范围的涉法涉诉、个人利益诉求等信访问题,将按照分级负责管理原则转交有关部门处理。
欢迎广大干部群众针对巡察内容涉及的人和事,本着实事求是、客观公正的原则,通过写信、打电话、发短信或电子邮件等方式与巡察组联系。
县委常规巡察组受理关于县水利局、县工会、县妇联的来电、来信、来访。
巡察组联系信箱设置地点:县移动公司大门右侧、古城小区门口右侧、县贸易市场东侧门口、县公安局门口右侧、阳光小区门口右侧附近。
联系电话:13989023318
电子信箱:drxdqlcgxcz@163.com

九届定日县委第七轮巡察常规巡察组
2019年5月11日   

相关热词搜索:定日县常规巡查公告

上一篇:九届定日县委第七轮县区交叉巡察组巡察公告(藏汉双语)
下一篇:最后一页