定日旅游 定日党建 定日人大 定日政协

དིང་རི་རྫོང་ཨུད་སྐབས་དགུ་པའི་རྫོང་དང་ཆུད་ཀྱི་བརྗེ་རེས་སྐོར་ཞིབ་ཚོགས་ཆུང་གི་རེས་སྐོར་བདུན་པའི་སྐོར་ཞིབ་སྤྱི་བསྒྲགས།

རྫོང་ཨུད་སྐོར་ཞིབ་ཚོགས་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས་〔༢༠༡༩〕ཡིག་ཨང་༠༢པ།

དིང་རི་རྫོང་ཨུད་སྐབས་དགུ་པའི་རྫོང་དང་ཆུད་ཀྱི་བརྗེ་རེས་སྐོར་ཞིབ་ཚོགས་ཆུང་རེས་སྐོར་བདུན་པས་༢༠༡༩ལོའི་ཟླ་༤པའི་ཚེས་༢༨ཉིན་ནས་བཟུང་རྫོང་སྤྱི་བདེ་ཅུད་དང་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་བསྐྲུན་ཅུད་ལ་དུས་ཡུན་ཟླ་བ་གསུམ་གྱི་སྐོར་ཞིབ་བྱེད་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་གནད་དོན་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།
གཅིག  སྐོར་དཔྱོད་དུས་ཚོད།
༢༠༡༩ལོའི་ཟླ་༤པའི་ཚེས་༢༨ནས་ཟླ་༧པའི་ཚེས་༢༨བར་དུས་ཡུན་ཟླ་༣ཡིན།
གཉིས།  སྐོར་དཔྱོད་བྱ་ཡུལ། 
རྫོང་སྤྱི་བདེ་ཅུད་དང་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད།
གསུམ།  སྐོར་དཔྱོད་་ལས་འགན།
(གཅིག) ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་དམིགས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་འགྱུར་འགོ་ཁྲིད་ལ་སྲུང་སྐྱོང་གི་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།  
འགོ་ཁྲིད་དཔུང་ཁག་གི་ཁོངས་མི་དང་ལྷག་པར་དུ་གཙོ་བོའི་འགན་འཁུར་མི་སྣའི་ལས་དོན་མཐའ་དག་ཏང་གི་གཅིག་བསྡུས་འགོ་ཁྲིད་བྱས་ཡོད་མེད་དང་"ངེས་པར་ལྔའི་"བླང་བྱ་དང་    འགལ་ཡོད་མེད།  "ཡོད་པ་བདུན་"སྤེལ་ཡོད་མེད།   ཏང་ལ་བློ་དཀར་གཞུང་དྲང་ཡིན་མིན།    ཆོས་ལུགས་ལ་དད་པ་བྱེད་པ་དང་།  དར་སྤེལ་གཏོང་བ།  མགོ་གཉིས་མ་བྱས་པའི་གནད་དོན་ ལྷག་ཡོད་མེད་ལ་བལྟ་རྒྱུ།  ལྷག་པར་ལྐོག་ཏུ་ཏཱ་ལ་སྐྱེ་་ཕྲེང་བཅུ་བཞི་པའི་རྗེས་སུ་འབྲངས་པ་དང་རྒྱབ་སྐྱོར་བྱས་པ།  ཁྲིམས་འགལ་གྱི་རྩ་འཛུགས་ནང་ཞུགས་པ་སོགས་ཀྱི་གནད་དོན་ཡོད་མེད་ལ་ལྟ་རྒྱུ།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱ་ཐབས་སྤེལ་ནས་ལས་དོན་ཁག་  སྒྲུབ་ཡོད་མེད།  གོང་གི་སྲིད་ཇུས་ལ་འོག་གི་གཡོལ་ཐབས་སྤྱད་པའི་གནས་ཚུལ་ཡོད་མེད་ལ་ལྟ་རྒྱུ།  ཆོས་ལུགས་ལས་དོན་གྱི་མཚམས་ཐིག་གསུམ་བརྟན་སྲུང་བྱས་ཏེ་ནུས་ལྡན་སྒོ་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་མེད་པ་བཟོས་ནས་ཆོས་ལུགས་ཀྱི་ཚ་རླབས་ལ་བཀག་སྡོམ་བྱས་ཡོད་མེད་ལ་ལྟ་རྒྱུ།   ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ལ་ལྟ་སྡོམ་བྱེད་རྒྱུ་    འདོན་སྤེལ་དང་ཕྱོགས་ཁག་གི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པར་མཐུན་སྦྱོར་བྱས་ཡོད་མེད་ལ་ལྟ་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས།   རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱས་ནས་ཧུར་བརྩོན་ཆེན་པོས་ལས་ཀའི་རྣམ་པ་གསར་པ་གཏོད་ཡོད་མེད་ལ་ལྟ་རྒྱུ་ཡིན།
(གཉིས) ཏང་གི་བསམ་བློའི་འཛུགས་སྐྱོང་ལ་དམིགས་ཏེ་ཞིས་ཅིན་ཕིང་གི་དུས་རབས་   གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟརབྱས་ཚུལ་ ལ་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།
ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ གཉིས་པ་དང་གསུམ་པའི་དགོངས་དོན་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བཞག་ནས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད་མེད་ལ་ལྟ་རྒྱུ། རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སྣེ་ཁྲིད་  ནུས་པ་འདོན་སྤེལ་བྱས་ནས་འགོ་ཁྲིད་དཔུང་ཁག་གི་བསམ་བློའི་འཛུགས་སྐྱོང་དང་རིག་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུར་སྐུལ་འདེད་བཏང་ཡོད་མེད་ལ་ལྟ་རྒྱུ།  ལས་ཀའི་འགན་  འཁྲིའི་ལམ་ལུགས་ཀྱི་འདུ་ཤེས་འཛིན་སྟངས་དོན་འཁྱོལ་ནན་པོ་བྱས་ནས་ཏང་གིས་ལས་ཀའི་འདུ་ཤེས་འཛིན་སྟངས་ཀྱི་འགོ་ཁྲིད་དབང་ཆ་དམ་པོར་འཛིན་པ་དང་བསམ་བློའི་རིག་གནས་ཀྱི་འཐབ་ས་ཡག་པོ་སྲུང་བ།  དར་ཆ་གསལ་སྟོན་སྒོ་ནས་མེས་རྒྱལ་གཅིག་འགྱུར་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ནོར་འཁྲུལ་གྱི་ལྟ་བར་ངོ་རྒོལ་དང་བཀག་འགོག་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱས་ཡོད་མེད་ལྟ་རྒྱུ།
(གསུམ) ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་དམིགས་ནས་མི་སྣ་བདམས་གསེས་བཀོལ་ སྤྱོད་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་སྐོར་ལ་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།
ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་ཐོག་གོ་རིམ་དང་བླང་བྱ་ལྟར་མི་སྣ་བདམས་གསེས་བཀོལ་སྤྱོད་བྱས་ཡོད་མེད་ལ་ལྟ་རྒྱུ།  སྒྲིག་ཁོངས་ལས་འགལ་བ་དང་གྲངས་ཚད་ལས་འགལ་ནས་ལས་བྱེད་པ་སྒྲིག་བཀོད་དང་དཔུང་ཁག་གི་འཛུགས་སྐྲུན་རྗེས་སུ་ལུས་པ། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་སྒོ་ནས་ལས་གནས་གཅིག་ ལྕོགས་བྱས་པ།  མི་སྒེར་གྱི་འབྲེལ་ཡོད་གནད་དོན་གསང་བ་བྱེད་པ། ཡིག་ཚགས་རྫུན་བཟོ་བྱེད་ པ་སོགས་ཀྱི་གནད་དོན་ཡོད་མེད་ལ་ལྟ་རྒྱུ།  ཏང་འཛུགས་ལས་དོན་གྱི་འགོ་ཁྲིད་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་གི་ལས་ཀར་སྐུལ་འདེད་དང་གཞི་  རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་  ཤུགས་སྣོན་རྒྱབ་ཡོད་མེད་ལ་ལྟ་རྒྱུ།  གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་དུ་འགྲོ་བ་དང་མཐའ་ཟུར་དུ་ལུས་པ་སོགས་ཀྱི་གནད་དོན་ཡོད་མེད་ལ་ལྟ་རྒྱུ་ཡིན།  གཙོ་བོ་ལས་བྱེད་པས་འགན་འཁྲི་ མི་འཁུར་བ་དང་། ལས་ཀ་མི་བྱེད་པ། མི་སྣ་བདམས་གསེས་ཐད་ཏང་གི་འགོ་ཁྲིད་ནུས་པ་ཉམས་ཞན་དུ་འགྲོ་བ།  མི་སྣ་བེད་སྤྱོད་ལུགས་མཐུན་མིན་པ།  སྲིད་ཇུས་ཀྱི་གཏན་འབེབས་ལས་འགལ་བ་སོགས་ཀྱི་མངོན་གསལ་གྱི་གནད་དོན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན།
(བཞི)ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ནས་"སྤྱོད་ཚུལ་བཞི་"བཅོས་སྒྲིག་གི་    གནད་དོན་ལ་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།  ཀྲུང་དབྱང་གི་"གཏན་འབེབས་དོན་ཚན་བརྒྱད་"ཀྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་"སྲུང་བཅའ་རྣམ་བཅུ་་""བླང་བྱ་ཁག་དགུ་ "གྲོང་     ཨུད་ཀྱི་ལག་བསྟར་བྱ་ཐབས་བཅས་ལག་བསྟར་དོན་ཐོག་ཏུ་མ་འཁྱོལ་བའི་གནད་དོན་ཡོད་མེད་ལ་བལྟ་རྒྱུ། ཁ་བཤད་མང་བ་དང་མགྲིན་པ་མཐོ་བ།  བྱ་སྤྱོད་ཉུང་བ། ལག་བསྟར་ཞན་པ།   རྗེས་ཤུལ་ལ་མཐོང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བཅས་ཀྱི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཡོད་མེད་ལ་ལྟ་རྒྱུ།  སྐྱིད་འདོད་རིང་ལུགས་དང་བག་ མེད་ཆུད་ཟོས་ཀྱི་སྲོལ་ངན་གནད་དོན་  བསྐྱར་ཐོན་ཡོད་མེད་ལ་ལྟ་རྒྱུ།  ལས་བྱ་མི་སྒྲུབ་པ་དང་འགན་འཁྲི་ཕྲག་ཏུ་མི་འཁྱེར་བ། སྲིད་ལས་ལ་སྒྱིད་ལུག་དང་ལེ་ལོ་སོགས་ཀྱི་མང་ཚོགས་དང་ཁ་བྲལ་བའི་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་  ཡོད་མེད་ལ་ལྟ་རྒྱུ།  འགན་དབང་དང་ཡང་ན་ཤུགས་རྐྱེན་བེད་སྤྱོད་བྱས་ནས་དམིགས་བསལ་  དབང་ཆ་སྤྱད་པའི་གནད་དོན་ཡོད་མེད་ལ་ལྟ་རྒྱུ་།
(ལྔ་)ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམིགས་ནས་ཏང་སྲོལ་ཏང་ཁྲིམས་ལག་བསྟར་བྱ་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།  སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི་དང་།  ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་འགན་འཁྲི་རྩད་གཅོད་སྲོལ་ཡིག་    སོགས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་མིན་ལ་ལྟ་རྒྱུ།  སྒྲིག་ཁྲིམས་སྐོར་གྱི་  སློབ་གསོ་ལ་ཤུགས་སྣོན་རྒྱག་མིན་དང་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་མིན།    ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་གཙོ་གནད་དུ་བཟུང་ནས་སྤྱོད་གཙང་རང་   གཅུན་དང་མང་ཚོགས་སྒྲིག་ཁྲིམས།  ལས་ཀའི་སྒྲིག་ཁྲིམས།  འཚོ་བའི་སྒྲིག་ཁྲིམས་བཅས་དམ་ ནན་བྱས་མིན་ལ་ལྟ་རྒྱུ།  འདུ་ཤེས་འཛིན་སྟངས་བཞི་ལག་བསྟར་བྱས་ཐོག་རྒྱུན་ལྡན་གྱི་ལྟ་སྐུལ་དོ་ དམ་ལ་ཤུགས་སྣོན་གྱིས་སྔ་ཙམ་དམ་འཛིན་།  ཆུང་ས་ནས་དམ་འཛིན་བྱས་ནས་རྐྱེན་རྩ་ཆུང་   ཟློག་བཅས་བྱེད་རྒྱུར་ལྟ་སྐུལ་བེད་སྤྱོད་གནད་འཁེལ་བྱུང་ཡོད་མེད་ལ་ལྟ་རྒྱུ།
(དྲུག)རུལ་སུངས་ལ་ངོ་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་དམིགས་ནས་གཙོ་     གནས་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་གཅུན་དང་མང་ཚོགས་ཉེ་འཁོར་དུ་ཐོན་པའི་ རུལ་སུངས་གནད་དོན་ལ་བཅོས་སྒྲིག་བྱེད་པར་གཙོ་གནད་ཞིབ་བཤེར་བྱེད་རྒྱུ།  ཏང་ཀྲེ་པུའུ་ ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་བོའི་འགན་འཁྲི་འཁྱེར་ཡོད་མེད་དང་    བཀག་སྡོམ་མེད་པ་དང་ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་སྤུ་ཙམ་མེད་པ།    བཀག་འགོག་  ནན་པོ་དང་འགན་འཁྲི་གནོན་པ།  འཇིགས་སྣང་སྐྱེས་པ་བཅས་མཐའ་འཁྱོངས་བྱས་ནས་དོ་  དམ་ཁྱབ་ཁོངས་ནང་གི་རུལ་སུངས་བཀག་འགོག་ནུས་ལྡན་བྱུང་ཡོད་མེད་ལ་ལྟ་རྒྱུ།  འགོ་ཁྲིད་ ལས་བྱེད་ཀྱིས་སྒྲིག་འགལ་ངང་མ་དངུལ་དོ་དམ་དང་རྒྱུ་ནོར་ཐག་གཅོད།  ཐོན་ཁུངས་སྒྲིག་   བཀོད།  མ་རྩ་འཁོར་སྐྱོད།  ལས་གྲྭའི་རྣམ་གྲངས་འགན་གཙང་སོགས་ཀྱི་གནད་དོན་ལ་ཐེ་ཇུས་བྱས་ཡོད་མེད་ལ་ལྟ་རྒྱུ། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་སྒེར་ཕན་སྒྲུབ་ཡོད་མེད་སོགས་ཀྱི་གནད་དོན་ཡོད་མེད་ལ་ལྟ་རྒྱུ། 
(བདུན)སྐོར་གཟིགས་སྐོར་ཞིབ་ཀྱི་བཅོས་སྒྲིག་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་  རྒྱུར་ཤུགས་སྣོན་རྒྱག་དགོས།  སྐོར་གཟིགས་སྐོར་ཞིབ་ནང་རྩད་ཞིབ་བྱུང་བའི་གནད་དོན་བཅོས་   སྒྲིག་དངོས་སུ་དོན་འཁྱོལ་ཡོད་མེད་ལ་ལྟ་རྒྱུ། སྐོར་གཟིགས་སྐོར་ཞིབ་ནང་བསམ་འཆར་ཤུགས་ ཆེ་བའི་འགོ་ཁྲིད་ལས་བྱེད་པར་ད་དུང་སྔར་བཞིན་བསམ་འཆར་དང་ཡང་ན་བསམ་འཆར་    གསར་པ་ཡོད་མེད་ལ་ལྟ་རྒྱུ།
(བརྒྱད) གྲོང་ཨུད་ཀྱིས་བཏོན་པའི་ཕྱོགས་༡༦ཐད་ཀྱི་འབུར་དུ་ཐོན་པའི་གནད་དོན་ཏེ།
༡. ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་བྱ་ཐབས་ཀྱི་      དགོངས་དོན་དང་འགལ་བ་དང་སྤྱོད་ཚུལ་བཞི་རྣམ་པ་འགྱུར་བ།  ༢. དབུལ་སྐྱོར་ཁྱབ་ཁོངས་ ནང་གཉེན་ཉེ་དང་གྲོགས་པོར་གཟིགས་སྐྱོང་དང། མ་དངུལ་གང་བྱུང་བེད་སྤྱོད།  སྲིད་ཇུས་དོན་ འཁྱོལ་མི་བྱེད་པ།  གནད་ལ་མི་འཁེལ་བ་སོགས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན།      ༣.གནོད་ཚེའི་རྗེས་ཀྱི་བསྐྱར་བསྐྲུན་ཁྱབ་ཁོངས་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་   སྐྲུན་ཁྱབ་ཁོངས་ནང་གི་རུལ་སུངས་གནད་དོན།   ༤.གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་  བྱེད་པའི་ནང་གི་རུལ་སུངས་ཆུང་ཕྲན་གནད་དོན།  ༥. སྤྱི་ཚོགས་བཅོས་སྐྱོང་ནང་མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པའི་གཏུམ་སྤྱོད་ཀྱི་ཁྲིམས་ལག་བསྟར་དང་།  གཏུམ་སྤྱོད་ཀྱི་ལས་    འགན་སྒྲུབ་པ། དྲག་རྩུབ་ཀྱི་ཁྲིམས་ལག་བསྟར་བྱེད་པ་སོགས་ཀྱི་གནས་ཚུལ།  ༦. ཏང་ཀྲུང་    དབྱང་དང་ལྗོངས་ཏང་ཨུད།  གྲོང་ཨུད་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་མ་སྒྲུབ་པ་དང་  དོན་འཁྱོལ་མི་བྱེད་པ། ལས་སྒྲུབ་དལ་བ། མི་བདེན་རྫུན་སྒྲིག་གོང་གི་སྲིད་ཇུས་ལ་འོག་གི་ཐབས་ ཇུས་བྱེད་པ།   བཀའ་བསྒོས་མི་སྒྲུབ་པ། བཀག་སྡོམ་བྱས་པ་མཚམས་མི་འཇོག་པ། ཁ་སེམས་མི་ མཐུན་པ། རང་གནང་གང་ཤར་བྱེད་པ་སོགས་གི་གནད་དོན།།  ༧. སྟོང་བཤད་ལ་བརྩི་མཐོང་  བཀོད་གཏོང་བཀའ་འབེབས་བྱེད་པ། མི་སྣ་ལས་གནས་སུ་མེད་པ། སེམས་པ་ལས་ཐོག་མི་གནས་པ། འགན་འཁྲི་ཕྲག་ཐོག་ཏུ་མེད་པ་སོགས་ཀྱི་གནད་དོན།  ༨. མདུན་དུ་གནའ་སྐྱེལ་དམ་བཅའ་འཇོག་པ་དང་རྒྱབ་ཏུ་ཧམ་པ་ཚ་པོས་མཐོ་བཤད་དམའ་བཤད་བྱེད་པ་སོགས་ཀྱི་གནད་དོན།     ༩. ཚོགས་འདུའི་ཐོག་མི་ཤོད་པར་ཚོགས་འདུ་གྲོལ་རྗེས་གང་བྱུང་ཤོད་པ། མིའི་མདུན་དུ་མི་ཤོད་  པར་རྒྱབ་ཏུ་གང་བྱུང་ཤོད་པ།  གར་སྟེགས་སྟེང་དུ་མི་ཤོད་པར་རྒྱབ་ཏུ་རྙོག་འཛིང་བཟོ་བ་སོགས་ཀྱི་གནས་ཚུལ། ༡༠. སློབ་སྦྱོང་མི་བྱེད་པ་དང་བརྩོན་ཞིབ་མི་བྱེད་པ། བརྟག་དཔྱད་མི་བྱེད་པ་དང་དམིགས་བྱར་མི་ལྟ་བ།    ཐབས་ཤེས་རྙིང་པས་ཕན་མི་ཐོགས་པ་དང་ཐབས་ཤེས་  གསར་པ་བེད་སྤྱོད་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན།   ༡༡. མི་སེམས་ཚོད་འགམ་བྱེད་རྒྱུར་དགའ་བ་དང་ལས་ཀར་བསམ་བློ་ཞིབ་གཏོང་མི་བྱེད་པ།  བསམ་ཚུལ་མུན་ནག་ཡིན་པ་དང་།  འཁང་རའི་སྐད་ཆ་རྫོགས་རྒྱུ་མེད་པ།  ཁ་ཤོད་རྒྱུར་ཚོད་འཛིན་མི་བྱེད་པ། རང་འགན་གཞན་དཀྲི་བྱེད་པ།  བྱས་རྗེས་ཡོད་ན་རང་གི་དང་ནོར་འཁྲུལ་ཡོད་ན་གཞན་ལ་དཀྲི་བ་སོགས་ཀྱི་གནད་དོན།        ༡༢. མཚར་གཏམ་མཁན་རང་སྣང་གང་ཤར་དང་དཀྲོག་གཏམ་མཁན་འཛེམ་བག་གཏན་ནས་མེད་པའི་གནད་དོན། ༡༣.ཚོགས་ཆུང་སྒྲིག་པ་དང་ཕན་ཚུན་ཁེ་ཕན་འབྲེལ་བ་ཟབ་པ།   ངན་པ་གྲོགས་སྒྲིག་དང་མཚམས་ཐིག་ལ་འགྲན་སློང་བྱེད་པའི་གནས་ཚུལ།  ༡༤.གཞི་རིམ་དང་ཁ་བྲལ་བ་  མང་ཚོགས་དང་ཁ་བྲལ་བ་ ངོ་གདོང་སྟོན་མི་ཐུབ་པ་དང་། གཟུགས་པོ་སྒུལ་མི་ཐུབ་པ། རྐང་པ་སྤོ་མི་ཐུབ་པ། བརྩེ་སེམས་བཅངས་མི་ཐུབ་པའི་གནས་ཚུལ།  ༡༥. ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཉམས་ཞན་དུ་སོང་བ་དང་། གཟུགས་བརྙན་ལ་བསམ་བློ་མི་གཏོང་བ།  བྱ་གཞག་ལ་    བསམ་བློ་མི་གཏོང་བ།  རྩ་དོན་ལ་བསམ་བློ་མི་གཏོང་བ། མཐུན་སྒྲིལ་ལ་བསམ་བློ་མི་  གཏོང་བ་སོགས་ཀྱི་གནད་དོན།  ༡༦.  ལས་བྱེད་བཀོལ་སྤྱོད་ཀྱི་བརྒྱུད་རིམ་ནན་པོ་མེད་པ་དང་བསམ་  འཆར་རྒྱ་ཆེ་མེད་པ་དཔྱད་ཞིབ་གཏིང་ཟབ་མེད་པའི་གནད་དོན། 
(དགུ་པ་) གྲོང་ཨུད་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཕྱོགས་   དྲུག་ཐད་ཀྱི་འབུར་དུ་ཐོན་པའི་གནད་དོན་ཏེ།
གཅིག་ནི་བསམ་བློའི་གནད་དོན།  འགོ་ཁྲིད་ལས་བྱེད་པ་ལ་ལར་འཇོན་ནུས་ཡོད་ཀྱང་བརྩེ་སེམས་མེད་པ་དང་། ཁ་རྩལ་ཡོད་ཀྱང་ལས་དོན་སྒྲུབ་སེམས་མེད་པ། བསམ་ཚུལ་ཡོད་ཀྱང་བྱ་   ཐབས་ཉུང་བ། ཏང་ཡོན་ལས་བྱེད་པ་ལ་ལའི་བྱ་གཞག་གི་ལྟ་བ་དང་ལས་ཀའི་ལྟ་བ་ འགྲུབ་     འབྲས་ཀྱི་ལྟ་བ་བཅས་ཡང་དག་མིན་པའི་རྐྱེན་གྱིས་དཔོན་པོ་བྱེད་འདོད་པ་ལས་ལས་ཀ་བྱེད་མི་ འདོད་པ་དང་། མི་གཞན་དག་གི་བསམ་ཚུལ་ལ་ཚོད་དཔགས་ཁོ་ན་བྱེད་པ་ལས་ལས་དོན་སྒྲུབ་  རྒྱུར་བརྟག་ཞིབ་མི་བྱེད་པ། བྱས་རྗེས་ཚང་མ་རང་བདག་བྱེད་པ་ལས་ནོར་འཁྲུལ་ལ་འགན་མི་  འཁུར་བ། ལ་ལས་ཕན་ཚུན་ངོ་མཚང་འབྲུ་རེས་བྱེད་པ་དང་། ཀར་ཀོར་བྱས་ནས་ལས་ཀ་ནར་   འགྱངས་བྱེད་པ། ནང་འཁྲུག་རྒྱག་པ་བཅས་ཀྱི་གནད་དོན།
གཉིས་ནི་སྤྱོད་ཚུལ་གྱི་གནད་དོན།  ལས་ཁུངས་དང་སྡེ་ཚན་ཉུང་ཤས་ལ་གསོན་ཤུགས་མེད་པ་དང་། ནང་ཁུལ་མཐུན་སྒྲིལ་མི་བྱེད་པ། ལས་ཕྱོད་ཞན་པ། འཐབ་རྩོད་བྱེད་ནུས་རྩ་བ་ནས་མེད་པ་བཅས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ལ་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཆེ་བ་དང་། སྣེ་ལེན་དང་རྣམ་འགྱུར་ཡག་ཀྱང་བྱ་བ་སྒྲུབ་དཀའ་བ།  ཏང་ཡོན་ལས་  བྱེད་པ་འགའ་ཞིག་ལས་གནས་ཐོག་མི་གནས་པ་དང་སེམས་ལས་ཀར་མི་འཇོག་པ་ འགན་འཁྲི་ ཕྲག་ཏུ་མི་ཁུར་བ། ལ་ལའི་དམིགས་ཡུལ་གྱི་འདུ་ཤེས་ཞན་པ་དང་མང་ཚོགས་ཀྱི་དཀའ་སྡུག་ལ་དོ་ཁུར་མི་བྱེད་པ་  མང་ཚོགས་ལས་དོན་སྒུབ་མི་ཤེས་པ།
གསུམ་ནི་འགན་འཁྲི་འཁུར་རྒྱུའི་གནད་དོན། ལས་ཁུངས་དང་སྡེ་ཚན་འགའ་ཞིག་གིས་རང་  འགན་གཞན་དཀྲི་བྱ་རྒྱུ་གོམས་གཤིས་སུ་གྱུར་བ་  འགན་འཁྲི་མི་འཁུར་བ་དང་འཐབ་ས་མི་    བཟུང་བར་འགལ་ཟླ་དང་རྩོད་རྙོག་ཡོད་པ་ཐམས་ཅད་གོང་འབུལ་བྱེད་པ།  དཀའ་ངལ་ཡོད་པ་ཐམས་ཅད་ལས་གྱོལ་གང་ཐུབ་བྱེད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཉུང་ཤས་ཀྱིས་མགོ་བདེ་པོ་ཀྱང་ཀྱང་བྱེད་པ་དང་ཁྲལ་སེལ་སླ་བཅོས་ཁོ་ན་བྱེད་པ། ལས་གནས་ལེགས་འདེམས་ཉེས་སྐྱུར་བྱེད་པ་དང་ལས་འཛོལ་མདུན་དུ་འགན་འཁྲི་འཁུར་མི་ཐུབ་པ།  ལ་ལས་ཡར་རྒྱས་གཏོང་སེམས་མེད་པར་སྐྱིད་འདོད་འགུལ་འཚེར་བྱས་ནས་འགན་འཁྲི་མི་འཁུར་བ། སྔར་སྲོལ་མཁྲེགས་འཛིན་གྱིས་འགན་འཁྲི་འཁུར་མི་འདོད་པ་བཅས་ཡོད་པ་དེ་དག་ཀྱང་རུལ་སུངས་ཀྱི་མཚོན་ཚུལ་ཞིག་  རེད།
བཞི་ནི་འཇོན་ནུས་ཀྱི་གནད་དོན། ཏང་ཡོན་ལས་བྱེད་པ་ཉུང་ཤས་ཀྱིས་སློབ་སྦྱོང་མི་བྱེད་པ་ བརྩོན་ཞིབ་མི་བྱེད་པ་  ཤེས་ཡོན་རིམ་བསགས་བྱ་རྒྱུ་མི་འདང་བ་དངཤེས་རྒྱ་ཆེན་པོ་མེད་པ་   ཐབས་ཤེས་རྙིང་ཞེན་བྱེད་པ་ལས་ཐབས་ཤེས་གསར་པ་མི་ཤེས་པ་ ལྟ་བ་རྗེས་ལུས་ཡིན་ལ་བསམ་བློ་གཏོང་མི་ཤེས་པ་ བསམ་བློར་འགྱུར་ལྡོག་མི་གཏོང་བ་དང་གསར་གཏོད་བྱེད་མི་འདོད་པ། ལ་ལས་བྱང་ཚད་མཐོ་པོ་དང་འཇོན་ཐང་ཆེན་པོ་ཡིན་འདོག་གིས་བྱ་ཐབས་གསར་པ་ཡིན་ཡང་བྱེད་སྟངས་བྱེད་ལུགས་རྙིང་པ་ཡིན་རྐྱེན་རྙོག་འཛིང་ཆེ་བའི་ལས་ཀའི་མདུན་དུ་ག་བྱེད་འདི་བྱེད་མེད་པར་གྱུར་བ།
ལྔ་ནི་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་གནད་དོན། ལས་ཁུངས་དང་སྡེ་ཚན་ཉུང་ཤས་ཀྱིས་ལག་བསྟར་བྱ་འགྱུར་གཡོལ་ནས་བཀའ་རྒྱ་ཡོད་ཀྱང་བྱ་སྤྱོད་མི་སྤེལ་བ་དང་བཀག་རྒྱ་ཡོད་ཀྱང་      མཚམས་མི་འཇོག་པ། ལ་ལས་དོན་འཁྱོལ་རྫུན་མ་བྱས་ནས་འབོད་ཚིག་ཡོད་པ་ལས་དངོན་ཕན་ མེད་པ། ལ་ལས་ལག་བསྟར་བྱ་ཁུལ་གྱིས་ཆེ་སྐུང་ཆུང་བཤད་བྱེད་པ་དང་གྲོས་བསྡུར་བྱེད་པ་ལས་ཐག་མི་ཆོད་པ། ལས་ལས་དོན་འཁྱོལ་བྱེད་སྐབས་མདུན་དུ་གཅིག་དང་བརྒྱབ་ཏུ་གཅིག་བྱས་ནས་རང་སྣང་གང་ཤར་བྱེད་པ་ལས་དོན་འཁྱོལ་གནད་འཕིགས་མི་བྱེད་པ། ལ་ལས་ཡོ་འཁྱོག་གིས་   དོན་འཁྱོལ་བྱས་ནས་གོང་གི་སྲིད་ཇུས་གཤམ་དུ་འཁྱོག་བཤད་བྱེད་པ་དང་ལས་དོན་གང་ཞིག་  ཡིན་རུང་གྲོས་བསྡུར་ཡང་ཡང་མ་བྱས་ཚེ་ལག་བསྟར་བྱེད་ཐབས་མེད་པ་དང་ཡིག་ཆ་གང་ཞིག་ ཡིན་རུང་གཤམ་འགྲེམ་བྱས་ཀྱང་ལྟ་སྐུལ་ཡང་ཡང་མ་བྱས་ཚེ་ལག་ལེན་མི་བསྟར་བ།
དྲུག་ནི་རང་བཅུན་གྱི་གནད་དོན། ཏང་ཡོན་ལས་བྱེད་པ་ལ་ལས་རང་ཚོད་ཟིན་མི་ཐུབ་པ་  དང་ རང་གི་ཁ་དང་རྐང་ལག་ལ་བདག་པོ་རྒྱག་མི་ཐུབ་པ་སྒྲིགས་ཁྲིམས་བརྩི་སྲུང་མི་བྱེད་པར་  ཡ་མེད་སྒྲིག་འགལ་བྱེད་པ་ ཀུན་སྤྱོད་ཀྱི་མཐའ་ཐིག་ལས་འགལ་ནས་སྒྲིག་ཁྲིམས་ཀྱི་དམར་ཐིག་ དང་ཁྲིམས་ལུགས་ཀྱི་གློག་ཆེན་ལས་འགལ་བ་བཅས་གནད་དོན་དྲུག་ཡིན།
(བཅུ་)རྫོང་ཨུད་ཀྱིས་འདོན་པའི་དེ་མིན་ཤེས་རྟོགས་བྱ་དགོས་པའི་གནད་དོན།
བཞི།  སྐོར་ཞིབ་ཚོགས་ཆུང་གི་ཁོངས་མི།
རྫོང་དང་ཆུད་ཀྱི་བརྗེ་རེས་སྐོར་ཞིབ་ཚོགས་ཆུང་གི་ཁོངས་མི།
ཙུའུ་         ཀྲང་།      ཉི་ཕུན།
ཙུའུ་ཀྲང་གཞོན་པ།       ལིས་ཤིན།
ལས་ དོན་ མི་  སྣ།       ཚེ་རིང་དབྱང་ལགས།
                          སྤེན་པ་ནོར་བུ།
                          ཐང་ཨན་ལས།
                          པད་མ་རྡོ་རྗེ།
ལྔ་པ།  འབྲེལ་གཏུག་བྱ་ཐབས་
འབྲེལ་གཏུག་ཨང་གྲངས་      ༡༣༩༨༩༩༢༤༤༣༣
གློག་  རྡུལ་  ཡིག་  སྒམ།      zgdrxwxcb@163.com
སྐོར་ཞིབ་ཚོགས་ཆུང་གིས་འབྲེལ་གཏུག་ཡིག་སྒམ་ནི་སྒུལ་འཕྲིན་ཀུང་སིའི་རྒྱལ་སྒོའི་གཡས་ ཕྱོགས་དང་ གནའ་གྲོང་སྡེ་ཁུལ་གྱི་རྒྱལ་སྒོའི་གཡས་ཕྱོགས་རྫོང་ཞིང་ཟོག་ཁྲོམ་རའི་ཤར་ཕྱོགས་ཀྱི་སྒོ་ཆེན་   རྫོང་སྤྱི་བདེ་ཅུས་ཀྱི་རྒྱལ་སྒོའི་གཡས་ངོས་  ཉེ་འོད་སྡེ་ཁུལ་གྱི་རྒྱལ་སྒོའི་གཡས་ངོས་  བཅས་སུ་བཙུགས་ཡོད།
སྐོར་དཔྱོད་བྱེད་རིང་རྒྱ་ཆེའི་མང་ཚོགས་ཚོས་སྐོར་དཔྱོད་དང་འབྲེལ་བ་ཡོད་པའི་མི་སྣ་དང།  ལས་དོན་ལ་དམིགས་ནས་དངོས་ཐོག་བདེན་འཚོལ་དང་ལུགས་མཐུན་གཞུང་དྲང་གྱིས་ཡི་གེ་   བསྐུར་བ་དང་། ཁ་པར་རྒྱག་པ། འཕྲིན་ཐུང་བསྐུར་བ།  གློག་རྡུལ་ཡི་གེ་སོགས་ཀྱི་རྣམ་པ་བརྒྱུད་ ནས་སྐོར་དཔྱོད་ཚོགས་ཆུང་དང་འབྲེལ་བ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།  དེ་མིན་སྐོར་    དཔྱོད་ཁྱབ་ཁོངས་སུ་མ་ཚུད་པའི་ཁྲིམས་ལུགས་གཏུག་བཤེར་དང་།   མི་སྒེར་ཁེ་ཕན་གྱི་རེ་བ་  སོགས་ཡིག་བཀུར་ངོ་གཏུག་གི་གནད་དོན་ཡིན་ཕྱིན་རིམ་དབྱེའི་འགན་འཁུར་དོ་དམ་གྱི་རྩ་དོན་བཞིན་འབྲེལ་ཡོད་ཚན་པས་ཐག་གཅོད་གནང་རྒྱུར་རྩིས་འབུལ་ཞུ་རྒྱུ་ཡིན།

 དིང་རི་རྫོང་ཨུད་སྐབས་དགུ་པའི་རྫོང་དང་ཆུད་ཀྱི་བརྗེ་རེས་སྐོར་ཞིབ་ཚོགས་ཆུང་རེས་སྐོར་བདུན་པས།
 ༢༠༡༩ལོའི་ཟླ་༤པའི་ཚེས་༢༩ཉིན་
                         

九届定日县委第七轮县区交叉巡察组巡察公告

县委巡办公告〔201902

根据县委统一部署,九届县委第七轮县区交叉巡察组拟从2019428日开始,对县公安局、县住建局进行为期三个月的巡察,现将有关事项公告如下:

一、巡察时间

 2019年4月28日至7月28日,为期三个月。

二、巡察对象

县公安局、县住房和城乡建设局

三、巡察重点任务

(一)围绕党的政治建设,重点检查维护党中央权威和集中统一领导情况。看领导班子成员特别是“一把手”,是否把一切工作置于党的集中领导之下,是否存在违反“五个必须”要求、搞“七个有之”,对党不忠诚不老实,信仰、传播、发展宗教,搞“两面派”,当“两面人”问题;是否存在暗中追随和支持十四世达赖、参加非法组织等问题;是否存在以形式主义、官僚主义的方式抓落实,搞上有政策、下有对策;是否坚守宗教工作“三条底线”,有效消除宗教消极影响、遏制“宗教热”;是否坚持和加强党的全面领导,充分发挥总揽全局、协调各方的领导核心作用;是否贯彻落实党的十九大精神、中央重大决策、自治区党委和市委部署,积板开创工作新局面。

(二)围绕党的思想建设,重点检查学习贯彻习近平新时代中国特色社会主义思想情况。看是否把学习宣传贯彻党的十九大、十九届二中、三中、四中全会精神作为首要政治任务、扎实推进“两学一做”教育常态化制度化;是否发挥理论学习中心组学习带动作用,推动领导班子思想建设和理论武装;是否严格落实意识形态工作责任制,牢牢掌握党对意识形态工作的领导权,守好思想文化阵地,旗帜鲜明反对、抵制破坏祖国统一和民族团结的各种错误观点,维护意识形态领域安全。

(三)围绕党的组织建设,重点检查选人用人和基层党组织建设情况。看是否党管干部原则,突出政治标准,坚持按程序和要求选人用人;是否存在超编制超职数配备干部、队伍建设滞后、党员干部违规兼职、瞒报个人有关事项、档案造假等问题;是否切实加强对党建工作的领导和指导,全面推进党的建设,有效发挥基层党组织战斗堡垒作用;是否存在基层党组织弱化、虚化、边缘化等问题。重点检查干部不担当不作为,选人用人上党的领导弱化、用人导向不正、违反政策规定等突出问题。

(四)围绕党的作风建设,重点检查整治“四风”情况。看是否存在执行中央“八项规定”精神、区党委“约法十章”“九项要求”、市委“实施办法”不到位问题;是否存在表态多调门高、行动少落实差,重痕迹、轻实效的形式主义问题;是否存在享乐主义、奢靡之风反弹复燃问题;是否存在不作为、不尽责、懒政怠政等脱离群众的官僚主义问题;是否存在利用职权或影响力搞特权等问题。

(五)围绕党的纪律建设,重点检查党规党纪执行情况。看是否严格落实廉洁自律准则、党内监督条例、纪律处分条例、问责条例等党内法规;是否加强纪律教育,强化纪律执行,以政治纪律和组织纪律为重点,带动廉洁纪律、群众纪律、工作纪律、生活纪律严起来;是否准确运用监督执行“四种形态”强化日常监督管理,抓早抓小、防微杜渐。

(六)围绕夺取反腐败压倒性胜利,重点检查领导干部廉洁自律和整治群众身边腐败问题情况。看党支部是否扛起全面从严治党主体责任,坚持无禁区、全覆盖、零容忍,坚持重遏制、强高压、长震慑,有效遏制管辖范围内腐败蔓延势头;领导干部是否存在违规干预和插手资金管理、资产处理、资源配置、资本运作和工程项目承包等问题;是否存在利用职务之便谋取私利等问题。

(七)加强对巡视巡察整改情况的监督检查。看巡视巡察发现的问题是否整改到位;巡视巡察反映强烈的领导干部是否依然有反映或者有新的反映。

(八)市委提出的16条突出问题:

1.违反中央八项规定及其实施细则精神和变相“四风”问题。

2.扶贫领域中优亲厚友、滥用资金、政策不兑现、不精准等腐败和作风问题。

3.灾后重建领域和小康示范村建设中的腐败问题。

4.各项惠民政策落实中的“微腐败”问题。

5.社会治理中群众反映强烈,野蛮执法、野蛮执勤和粗暴执法等问题。

6.对党中央、区党委、市委决策部署不作为,不落实,慢作为,弄虚作假,搞上有政策、下有对策,有令不行、有禁不止,阳奉阴违,我行我素等问题。

7.崇尚空谈,发号施令,人不在岗、心不在志、责不在肩问题。

8.当面表态信誓旦旦,背后妄议说三道四问题。

9.会上不说、会后乱说,人前不说、人后乱说,台面不说、背后掣肘问题。

10.不学习、不钻研,不调查、不对标,老办法不管用,新办法不会用问题。

11.只揣摩人,不揣摩事,心态阴暗,牢骚满腹,口无遮掩,应付推诿,有功时揽、有过时推问题。

12.段子手随心所欲,谣言手肆无忌惮问题。

13.小圈子众星拱月,利益勾连,狐朋狗友,挑战底线问题。

14.脱离基层,脱离群众,脸面放不下、身子扑不下,腿子迈不开、情怀揣不起问题。

15.党内政治生活弱化,不顾及形象,不顾及事业,不顾及原则,不顾及团结等问题。

16.选拔任用干部程序不严格,意见不广泛,考察不深入问题。

(九)一届市委十次全会提出六个方面的突出问题:

一是思想问题。有的领导干部不缺才华缺情怀、不缺口才缺干劲、不缺想法缺办法;有的党员干部事业观、工作观、政绩观不正,只想当官、不想干事,只揣摩人、不揣摩事,有功就揽、有过就推;有的相互拆台、背后掣肘,窝里斗、搞内耗。

二是作风的问题。有的单位部门一潭死水、一盘散沙,效能低下,毫无战斗力;有的“衙门作风”、官僚主义、形式主义严重,门好进脸好看事不办。有的党员干部人不在岗、心不在职、责不在肩;有的宗旨意识淡薄,不关心群众诉求,不会做群众工作。

三是担当的问题。有的单位部门习惯推诿扯皮、相互推责,不种“责任田”、不守“主阵地”,遇到矛盾就上交,碰到困难往外推。有的党员干部为人圆滑世故、处事精明透顶、工作拈轻怕重、岗位挑肥拣瘦、遇事明哲保身;有的安于现状不想为、贪图安逸不愿为、墨守成规不敢为,这也是一种腐败。

四是能力问题。有的党员干部不学习、不钻研,知识累积不足、储备不够,老办法不管用、新办法不会用;有的观念滞后、思路僵化,不敢变通、不敢创新;有的自认为素质高、能力强,穿新鞋走老路、换新瓶装老酒,遇到工作束手无策、一筹莫展。

五是执行的问题。有的单位部门逃避执行,有令不行、有禁不止;有的虚假执行,听得见口号、看不见实效;有的象征执行,避实就虚、议而不决;有的选择执行,阳奉阴违、各行其是;有的歪曲执行,上有政策、下有对策。要推进一项工作,不反复开会就没法落实;下发一个文件,不反复督查就不会执行。

六是自律的问题。有的党员干部守不住自己的心、管不住自己的嘴、管不住自己的手、管不住自己的腿,不守规矩、顶风违纪,越过道德底线、挑战纪律红线、触碰法律高线。

(十)县委要求了解的其他问题。

四、巡察组成员

    长:   

副 组 长:   

工作人员:次仁央拉

          边巴罗布

          唐 万 来

          白玛多吉

五、联系方式

联系电话:13989924433

电子信箱:zgdrxwxcb@163.com

巡察组联系信箱设置地点:县移动公司大门右侧、古城小区门口右侧、县贸易市场东侧门口、县公安局门口右侧、阳光小区门口右侧

在巡察期间,欢迎广大群众针对巡察内容涉及的人和事,本着实事求是、客观公正的原则,通过写信、打电话、发短信或电子邮件等方式与巡察组联系。其他不属于巡察受理范围的涉法涉诉、个人利益诉求等信访问题,将按照分级负责管理原则转交有关部门处理


九届定日县委第七轮县区交叉巡察组

2019年429

相关热词搜索:定日县交叉巡查公告

上一篇:西藏定日民用机场项目环境影响评价第一次公示
下一篇:九届定日县委第七轮巡察常规巡察组公告(藏汉双语)